ང་ཚོ་མཉམ་དུ་སོང་མྱོང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས།

        1986ལོའི་ཟླ8པའི་ཚེས3ཉིན། ཧྲེན་དབྱང་འབར་གས་སྔོན་འགོག་ཡོ་བྱད་བཟོ་གྲྭས་མ་རྩ་རྡིབ་པའི་ཁྱབ་བསྒྲགས་བྱས་པ་དང་། འདི་ནི་ཀྲུང་གོའི་མ་རྩ་རྡིབ་པའི་རྒྱལ་དབང་ཁེ་ལས་ཐོག་མ་དེ་ཡིན། བཅོས་བསྒྱུར་གྱི་ཚོད་ལྟ་འདིས་སྐབས་དེའི་འཆར་གཞིའི་དཔལ་འབྱོར་སྒྲིག་སྲོལ་ལ་རྡུང་རྡེག་དྲག་པོ་ཐེབས།

དེ་སྔོན་གྱི་ཧྲེན་དབྱང་འབར་གས་སྔོན་འགོག་ཡོ་བྱད་བཟོ་གྲྭ།


        ལས་ཤོར་བཟོ་པ་ཁག་དང་པོ་སྟེ། དེ་སྔོན་གྱི་དབྱང་འབར་གས་སྔོན་འགོག་ཡོ་བྱད་བཟོ་གྲྭའི་ལས་བཟོ་ཀྲང་ཞུའུ་ཡུང་།

         

“དེ་ག་ལ་འགྲིག སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་ཁེ་ལས་མ་རྩ་རྡིབ་ཏུ་འཇུག་ག་ལ་ཆོག གང་ཡིན་ཟེར་ན། སྔོན་ལ་ཕམ་པའི་དཔེ་མེད། དེ་བས་ཚང་མ་ཧ་ལས་སོང་། ཧ་ལས་སོང་…”


        རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཁྲེང་ཤུའུ་ཙེ།

        “དེ་ཡང་འདི་འདྲའི་ཡིད་ལས་འདས་པའི་གནས་ཚུལ་དེ་ནི་འབར་གས་ཞིག་དང་འདྲ་ལ།དེ་ནི་སྒྲིག་སྲོལ་ཞིག་གི་འགས་གཏོར་རེད། དེ་ནི་ཐོན་དབང་ཞིག་གི་འགས་གཏོར་རེད། ”

        ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་དང་ཁེ་ལས་བསྐྱར་སྒྲིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཧྲུའུ་ཀོང་།


         “ཧྲེན་དབྱང་གི་འབར་གས་སྔོན་འགོག་ཡོ་བྱད་བཟོ་གྲྭའི་མ་རྩ་རྡིབ་པ་ནི་སྐབས་དེར་མཚོན་ན་‘གྲོད་པ་སྤྱི་བརྟེན་རྣམ་པ་གཏོར་བ་’དང་‘སྲ་བརྟན་རྒྱལ་དབང་ཁེ་ལས་’ཀྱི་འདུ་ཤེས་རྩ་མེད་དུ་བཟོས་པ།འཆར་ལྡན་དཔལ་འབྱོར་གཙོ་བོར་བྱེད་པའི་དུས་རབས་ལས་མ་རྩ་རྡིབ་པའི་སྔོན་བརྡ་གྲག་པ་བཅས་ཡིན་ལ། ཚོང་རའི་དཔལ་འབྱོར་ནི་ཀྲུང་གོའི་མདུན་ལམ་ལྡོག་མེད་ཡིན་པ་མཚོན།


        ཆུ་ལ་ནུབ་པའི་གྲུ་གཟིངས་འགྲམ། གྲུ་གཟིངས་ཁྲི་སྟོང་ཤར་མར་སྐྱོད། དེ་ཡང་གནས་སྐབས་ཀྱི་དཀའ་ངལ་དང་བར་ཆད་ལ་མི་སྐྲག་པ་དང་། རྒྱལ་ཁ་ནི་ནམ་ཡང་སྙིང་སྟོབས་ལྡན་མཁན་དང་མཉམ་དུ་ཡོད་ཞེས་པ་ལྟར། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་40རིང་། ཚོང་རའི་དཔལ་འབྱོར་གྱི་གསོན་ཤུགས་གསར་བ་རྒྱས་ཤིང་། སྐྱེ་བོ་ཀུན་ལ་མཚར་སྣང་རབ་ཏུ་འབར་བའི་གཏམ་རྒྱུད་རེ་རེ་བྲིས་ཡོད།

ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱིས་མི་གྲངས་མེད་ཀྱི་མདུན་ལམ་བསྒྱུར་བ་དང་། ཀྲུང་གོའི་ཚོང་རའི་དཔལ་འབྱོར་གྱིས་ཀྱང་ཁེ་ལས་མང་པོ་སྔར་ལས་དར་དུ་བཅུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

ཡིག་སྒྱུར། སྒྲོལ་སྒྲོལ།