ཁོང་རྣམ་པར་རྩོམ་བསྡུའི་བྱ་དགའ་ཐོབ་པར་བཀྲིས་བདེ་ལེཊ་ཞུ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ཀྱིས་བོད་ལྗོངས་སྤང་རྒྱན་མེ་ཏོག་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་ང་ཚོའི་འཚོ་བ་གསར་པ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་བྱ་དགའ་ཡོད་པའི་རྩོམ་བསྡུའི་བྱེད་སྒོ་ཞིག་སྤེལ་བ་དེའི་དཔྱད་འདེམས་ཉེ་དུས་ཡོངས་སུ་མཇུག་འགྲིལ་བ་དང་། ཐེངས་འདིའི་རྩོམ་བསྡུའི་བྱེད་སྒོར་བོད་ལྗོངས་དང་དེ་བཞིན་མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དང་། ནང་སའི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་ཏུ་བཞུགས་པའི་རླུང་འཕྲིན་གསན་གྲོགས་དང་དྲ་གྲོགས་ནས་བྲིས་གནང་བའི་རྩོམ་ཡིག་བརྒྱ་ཕྲག་འབྱོར་བ་དང་། དེ་དག་ལ་ཆེད་མངགས་སྒྲིག་འཛུགས་བྱས་པའི་ཆེད་མཁས་མི་སྣ་ཡིས་དཔྱད་འདེམས་རབ་དང་རིམ་པ་བྱས་རྗེས། མཐར་བྱ་དགའ་རིམ་པ་དང་པོ་གསུམ་དང་། གཉིས་པ་ལྔ། གསུམ་པ་བཅུ། ཕུལ་བྱུང་བྱ་དགའ་དྲུག་བཅས་བདམས་ཐོན་བྱུང་ཡོད་པ་གཤམ་གསལ།

                                                       


        བྱ་དགའ་རིམ་པ་དང་པོར་བྱ་དགའི་དངུལ་སྒོར་༥༠༠༠དང་། གཉིས་པར་སྒོར་༣༠༠༠ གསུམ་པར་སྒོར་༡༠༠༠བཅས་འབུལ་རྒྱུ་དང་། ཆབས་ཅིག་ཕུལ་བྱུང་བྱ་དགའ་ཐོབ་མཁན་དང་བཅས་པའི་བྱ་དགའ་ཐོབ་མཁན་ཡོངས་ལ་བྱ་དགའི་དཔང་ཡིག་ལག་ཁྱེར་འབུལ་རྒྱུ་ཡིན།

        གཞན་ཡང་བྱ་དགའ་ཐོབ་པའི་རྩོམ་ཡིག་ཁྲོད་ནས་ལེགས་གྲས་ཁག་ཅིག་རྩོམ་སྒྲིག་བྱས་རྗེས་མི་རིང་བར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་བརྒྱུད་གཏོང་དང་བརྒྱུད་འགོད་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ།

        མཇུག་ཏུ་ཐེངས་འདིའི་རྩོམ་བསྡུའི་བྱེད་སྒོར་ཞུགས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་ཕྱིན་ང་ཚོའི་བྱེད་སྒོ་ཁག་ནང་མུ་མཐུད་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

        ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དང་བོད་ལྗོངས་སྤང་རྒྱན་མེ་ཏོག་རིག་གནས་ཐོན་ལས་ཚད་ཡོད་ཀུང་སིས།

སྤྱི་ལོ༢༠༡༨ལོའི་ཟླ༡༡ཚེས་༡༨ཉིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།