ང་ཚོ་མཉམ་དུ་སོང་མྱོང་། དམངས་གཉེར་དཔལ་འབྱོར་ནུས་ཤུགས་སྒྲིལ་ནས་་་་

ང་ཚོ་མཉམ་དུ་སོང་མྱོང་། དམངས་གཉེར་དཔལ་འབྱོར་ནུས་ཤུགས་སྒྲིལ་ནས་མདུན་དུ་བསྐྱོད།


       ཝུན་ཀྲོའུ་ནི་ཀྲུང་གོའི་དམངས་གཉེར་དཔལ་འབྱོར་ཐོག་མར་འཕེལ་རྒྱས་ཕྱིན་པའི་ས་ཆ་ཡིན་ཞིང་། “ལྷོ་རུ་ཝུའུ་ཁྲོན་དང་བྱང་དུ་ཝུན་ཀྲོའུ་ཡོད “ཅེས་པ་ལྟར་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40 ཕྱིན་རྗེས།  ང་ཚོ་ཝུན་ཀྲོའུ་རུ་ཡོང་ནས། 

གསོན་ཤུགས་ལྡན་པའི་གྲོང་ཁྱེར་ཆུང་ཆུང་འདིར་གཅིག་ལྟ། 

ཅི་ཞིག་ལ་“ཝུན་ཀྲོའུ་ཡི་མ་དཔེ”ཟེར། 


རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ལིས་ཆུན།

        “དམངས་གཉེར་ཁེ་ལས་ཀྱི་ཚོགས་ཀྱིས་ས་ཁོངས་རང་བཞིན་ལྡན་པའི་དཔལ་འབྱོར་མ་དཔེ་ཞིག་གྲུབ་པ་དེ་ཡིན།”དཔལ་འབྱོར་རིག་པའི་ཆེད་མཁས་པ་ཁྲེང་ཤུའུ་ཙེ་ཡིས། དེ་ནི་ཝུན་ཀྲོའུ་མི་དམངས་ཀྱིས་མངོན་པའི“ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས”ཞེས་པ་དེ་ཡིན་ནོ་ཞེས་གསུངས།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཁྲེང་ཤུའུ་ཙེ།

        ཀྲང་ཧྭ་མེ་ནི་“ཀྲུང་གོའི་བཟོ་ཚོང་ཁེར་གཉེར་བ་ཨང་དང་པོ”ཡིན་ལ། མོར་ཀྲུང་གོའི་བཟོ་ཚོང་ལས་གཉེར་ལག་ཁྱེར་ཨང་དང་པོ་ཐོབ་པ་སྟེ། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཐུས་མི་བྱས་ཏེ། ཙུང་ལི་ལི་ཁེ་ཆང་གིས་མཇལ་འཕྲད་གནང་མྱོང་།

ཀྲང་ཧྭ་མེ།

        པོ་ཞི་ཉོ་ཚོགས་པ་སྤྱི་གཉེར་ཁང་ནི་ཝུན་ཀྲོའུ་ཚོང་རའི་ཐོག་ལྷམ་དང་གྱོན་ཆས་ཚོང་རར་བཏོན་པའི་ཁེ་ལས་དང་པོ་ཡིན་ཞིང་། སྤྱི་གཉེར་གཞོན་པ་ཆིའུ་ཁྲིན་ཁུ་ཡིས་“ཐོག་མཐའ་བར་གསུམ་དུ་བློ་རྩེ་གཅིག་ཏུ་གཞོལ་ནས་གྱོན་ཆས་ཐོན་ལས་འཕེལ་རྒྱས་ཁྲོད་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པ་དང་། མཐར་རང་ཉིད་ལ་དབང་བའི་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་རྙེད་”ཅེས་གསུངས།

པོ་ཞི་ཉོ་ཚོགས་པ་སྤྱི་གཉེར་ཁང་གི་སྤྱི་གཉེར་གཞོན་པ་ཆུའུ་ཁྲིན་ཁུ།

        ཧྭ་ཧྥེང་ཚོགས་པ་ནི་1991 ལོར་བཙུགས་ཤིང་།1996 ལོར་ཚོགས་ཁག་བཙུགས། རྒྱལ་ནང་གི་ཐོན་སྐྱེད་རྟེན་གཞི་ཆེན་པོ་ལྔ་དེ་ལ་དབང་བ་དང་། ཧྭ་ཧྥེང་ཚོགས་པའི་སྤྱི་གཉེར་ལིན་ཅན་དབྱི་ཡིས།“ཧྭ་ཧྥེང་གི་ཕུགས་འདུན་ནི་ཀྲུང་གོའི་ཐོན་རྫས་སྤུས་རྟགས་ཅན་གྱིས་རྒྱལ་སྤྱིའི་ཚོང་རའི་སྟེང་རང་གི་གོ་གནས་ཤིག་འཛིན་ཐུབ་རྒྱུ་དེ་ཡིན་ ”ཞེས་གསུངས།


ཧྭ་ཧྥེང་ཚོགས་པའི་སྤྱི་གཉེར་ལིན་ཅན་དབྱི།


        བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40རིང་། དམངས་གཉེར་ཁེ་ལས་ཀྱིས་ལག་བཟོ་བའི་སྙིང་སྟོབས་དར་སྤེལ་བཏང་ནས། “ལོ་ངོ་ཉིས་བརྒྱའི”དམིགས་འབེན་མངོན་འགྱུར་ཡོང་ཆེད་ནུས་ཤུགས་བཏོན་ཞིང་།《དམངས་གཉེར་དཔལ་འབྱོར་གྱི་བཞུགས་མོལ་ཚོགས་འདུ་》འཚོགས་པ་དང་བསྟུན་ནས། མ་འོངས་པར་ཀྲུང་གོའི་དམངས་གཉེར་དཔལ་འབྱོར་ལ་འཕེལ་རྒྱས་སྔར་བས་ཆེ་བ་འབྱུང་སྲིད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

ཡིག་སྒྱུར། སྒྲོལ་སྒྲོལ།