ང་ཚོ་མཉམ་དུ་སོང་མྱོང་། ཀྲུང་གོའི་ཚོང་ལས་ཀྱི་འགྱུར་ལྡོག

        ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་ཞང་ཀང་དང་ཨའོ་མོན། དེ་བཞིན་ནང་སའི་རླུང་འཕྲིན་ལས་ཁུངས་བཅུ་བཅས་དང་མཉམ་འབྲེལ་ཐོག་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད། 《ང་ཚོ་མཉམ་དུ་སོང་མྱོང་》ཞེས་པའི་མུ་འབྲེལ་རྩོམ་ཡིག་བཏོན་ཏེ་གསར་འགོད་ན་གཞོན་ཚོ་དང་མཉམ་དུ་ལོ་ངོ་བཞི་བཅུའི་རིང་གི་ཚ་ཚ་འུར་འུར་གྱི་ལོ་རྒྱུས་ཤེས་རྟོགས་དང་ཕྱིར་དྲན་བྱས་ཡོད།


        “གླེན་པའི་ཉི་འབྲུ་”དང་“ནགས་བྱི་གསུམ”ཞེས་པ་གཉིས་ནི་ཨན་ཧུའེ་ཝུའུ་ཧུའུ་ཡི་སྐད་གྲགས་ཆེ་བའི་ཟས་རིགས་ཀྱི་ཚོང་རྟགས་ཡིན་པ་དང་། དེ་ལས་གཅིག་ནི་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་དེ་སྔོན་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་སྲོལ་རྒྱུན་ཚོང་རྟགས་ཤིག་ཡིན་ཞིང་། གཞན་གཅིག་ནི་མིག་སྔར་དར་ཁྱབ་ཇེ་ཆེར་འགྲོ་བཞིན་པ་དང་ཐའོ་པའོ་དྲ་ཐོག་ནས་བྲིན་ཁ་ཆེ་བའི་དྲ་ཐོག་ཚོང་རྟགས་གྲགས་ཅན་ཞིག་ཡིན།

        ཚོང་རྟགས་གྲགས་ཅན་གཉིས་ཀྱིས་ཚོང་གཉེར་ཐབས་ལམ་མི་འདྲ་བ་གཉིས་ཀྱི་ཐོག་ནས་དུས་རབས་ཀྱི་སྣེ་ཁྲིད་ཅིང་། ཚོང་རྟགས་གསར་རྙིང་འདི་གཉིས་ཀྱིས་ཨན་ཧུའེ་ཝུའུ་ཧུའུ་དང་།  ཐ་ན་ཀྲུང་གོའི་ཚོང་ལས་ཀྱི་དུས་རབས་གཉིས་གསར་དུ་བཏོད།



        “ གླེན་པའི་ཉི་འབྲུ་” ཡི་ཚོང་རྟགས་གསར་གཏོད་བྱེད་མཁན་ནན་ཀོང་ཅིའུ།

        ནན་ཀོང་ཅིའུ་ལ་“ཀྲུང་གོའི་ཚོང་པ་དང་པོ་”ཞེས་འབོད་ཅིང་། ཁོང་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཚོན་རྟགས་གཅིག་ཡིན། ནན་ཀོང་ཅིའུ་ཡིས་ཝུའུ་ཧུའུ་ས་ཆར་སྒེར་གཉེར་ཁེ་ལས་ཐོག་མ་དེ་བཙུགས་པ་དང་། ཁོང་རང་གླ་བ་བརྒྱ་ཕྲག་ཡོད་པའི་“སྒོར་ས་ཡ་གཅིག་ཅན་གྱི་དུད་ཚང་”དུ་གྱུར་པས། དུས་རབས་གོང་མའི་ལོ་རབས་80བའི་དུས་མགོར་མ་རྩ་རིང་ལུགས་ཀྱི་ལམ་དུ་འགྲོ་དགོས་པའམ་ཡང་ན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་འགྲོ་དགོས་པའི་སྐོར་གྱི་རྩོད་གླེང་བྱུང་།


གླེན་པའི་ཉི་འབྲུ་ཁེ་ལས་ཀྱི་གནའ་བོའི་དངོས་མང་བཤམས་སྟོན་ཁང་གི་དཔྱད་གཞིའི་ཡིག་ཆ།

        གླེན་པའི་ཉི་འབྲུ་ཡིས་བཅོས་སྒྱུར་སྒོ་འབྱེད་ཀྱི་གོ་སྐབས་དང་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཡོངས་བྲིན་ཚོང་ཆེ་ཤོས་ཀྱི་ཐོན་རྫས་གྲས་སུ་གྱུར་ཞིང་། ད་ལྟ་ནགས་བྱི་གསུམ་གྱིས་གློག་རྡུལ་ཚོང་དོན་སྟེགས་བུ་དང་གོ་སྐབས་དམ་འཛིན་ལ་བརྟེན་ནས་ཤུན་མཁྲེགས་ཤིང་འབྲས་ཚོང་ར་བཟུང་།

“ནགས་བྱི་གསུམ” ཁེ་ལས་ཀྱི་གཞུང་ལས་ཁུལ།

        2017ལོར་སྐར་མ་12ནང་སྒོར་དུང་ཕྱུར་1ལྷག་གི་ཚོང་འགྲིག་པ་ནས་ད་ལོར་སྐར་མ9.29ནང་སྒོར་དུང་ཕྱུར་1གི་ཚོང་འགྲིག་པའི་བར།  “ནགས་བྱི་གསུམ་”གྱིས་2018ལོའི་“11•11”དུས་ཆེན་ཐོག་ཏུ་ཡང་བྱས་རྗེས་གསར་པ་བཞག 2012ལོར་ཨན་ཧུའེ་ཝུའུ་ཧུའུ་རུ་བཙུགས་པའི་ཞིང་ལས་ཐོན་རྫས་ཀྱི་གློག་རྡུལ་ཁེ་ལས་འདིས་ཟམ་མི་ཆད་པར་རང་གི་ལས་གཉེར་ཚད་ཇེ་མཐོར་གཏོང་བཞིན་ཡོད།



བཅོས་བསྒྱུར་ལས་འགོ་བརྩམས་ཤིང་བཅོས་བསྒྱུར་མི་བརྗེད་པ།


        ད་ལྟའི་“ནགས་བྱི་གསུམ་”གྱིས་གླེང་བཞིན་པ་ནི་གློག་རྡུལ་ཚོང་དོན་ཁོ་ན་ཙམ་མ་ཡིན་པར།“དྲ་ཐོག་དང་ཚོང་ཁང་ཟུང་འབྲེལ་” གྱི་“སིལ་ཚོང་གསར་པ་” རེད།་དེ་ཡང་རྒྱལ་ཡོངས་སུ་ཚོང་ཁང་2000ལྷག་ཡོད་པའི་“གླེན་པའི་ཉི་འབྲུ་” ཡིས་དུས་རབས་ཀྱི་འཕེལ་ཕྱོགས་ཀྱི་རྗེས་སྙེག་ནས་གློག་རྡུལ་ཚོང་དོན་མགྱོགས་མྱུར་སྐྲུན་བཞིན་ཡོད་ལ།་རྐང་དབང་ལམ་ལུགས་བསྒྱུར་བཅོས་བྱེད་འགོ་བཙུགས་ཤིང་།ཆེད་ལས་ཀྱི་བདག་གཉེར་བ་ནང་འདྲེན་ཡང་བྱེད་བཞིན་ཡོད།


        འཕེལ་འགྱུར་གྱི་རླབས་རྒྱུན་དྲག་པོའི་ཁྲོད། མ་འོངས་པའི་ཀྲུང་གོའི་ཚོང་ལས་ཀྱི་རྣམ་པར་འགྱུར་ལྡོག་ཅི་ཞིག་འབྱུང་མིན་སུས་ཀྱང་སྔོན་དཔག་བྱེད་ཐབས་བྲལ་ཞིང་། འཛམ་གླིང་ནི་འདི་འདྲའི་འཕོ་འགྱུར་ཆེ་ལ། ཡོད་ཚད་ད་དུང་སྔོན་དཔག་བྱེད་དཀའ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙིན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

ཡིག་སྒྱུར། སྒྲོལ་མ།