ཚེ་རིང་སྒྲོལ་དཀར། ལི་ཐང་ན་བཞད་པའི་གངས་ལྷ་མེ་ཏོག་ཅིག

        བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིའི་ནང་ང་ཚོས་ང་དང་ཁྱེད་འདྲ་བའི་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་ལ་ཉན་བཞིན།མཉམ་དུ་བདེན་ལེགས་མཛེས་གསུམ་ལ་གུས་འདུད་ཞུ།

        ཚེ་རིང་སྒྲོལ་དཀར། ལི་ཐང་ན་བཞད་པའི་གངས་ལྷ་མེ་ཏོག་ཅིག


ཚེ་རིང་སྒྲོལ་དཀར།


        དེ་རིང་གུས་མོས་རྣམ་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཕ་ཡུལ་ལི་ཐང་གྱོང་པ་ནས་ཡིན་པའི་ཚེ་རིང་སྒྲོལ་དཀར་ལགས་ཀྱི་གཏམ་རྒྱུད་ཞུ་རྒྱུ་ཡིན།ཁོང་ཉིད་དར་རྩེ་མདོ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་སྟེས་དབང་ཞིག་གིས་ཁ་ན་ཏར་དུས་ཡུན་ལོ་བརྒྱད་རིང་མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆེན་མོའི་སློབ་གཉེར་བྱེད་པའི་གོ་སྐབས་རག་ཅིང་བདེ་བླག་ངང་མཐར་ཕྱིན། མི་མང་པོ་ཞིག་གིས་ཁོང་ཕྱིར་ལོག་བྱེད་ཀྱི་མ་རེད་བསམ་དུས་ཁོང་གིས་ཕྱི་རྒྱལ་ནས་རང་གིས་སྦྱངས་པའི་འདེབས་འཛུགས་ལས་རིགས་ཀྱི་ཤེས་བྱ་དང་ཚོང་གཉེར་གྱི་ཉམས་མྱོང་འཁྱེར་ནས་རང་ཉིད་སྐྱེ་ས་འཚར་སའི་ཕ་ཡུལ་དུ་ལོག་ཡོད། དེ་རིང་ང་ཚོས་ཁོང་ཉིད་ཕྱིར་ལོག་དགོས་པའི་རྒྱུ་མཚན་དང་ཁོ་མོས་ཅི་ཐུབ་གང་ཐུབ་ཀྱིས་ཕ་ཡུལ་གྱི་གྲོང་མི་དང་སློབ་མ། དེ་བཞིན་སྦྱོང་འདོད་ཀྱི་སེམས་པ་ཡོད་པའི་ལྷན་རྒྱས་རྣམས་ལ་བསྐྲུན་པའི་གོ་སྐབས། དེ་བཞིན་མུ་མཐུད་རང་ཉིད་ཀྱི་ཕུགས་འདུན་འཚོལ་ཞིབ་བྱེད་པའི་གཏམ་རྒྱུད་སོགས་ཞུ་རྒྱུ་ཡིན་པས། ལྷན་རྒྱས་ནས་ཐུགས་སྤྲོ་པོའི་ངང་གསན་འཇོག་གནང་རྒྱུར་དགའ་བསུ་ཞུ་བ་ཡིན།

 

 རེ་བའི་ས་བོན་རེ་གཉིས་བཏབ་པས་འཇིག་རྟེན་དྲོད་སྐྱིད་དང་འོད་སྣང་གིས་ཁེངས་པ།


        སྐུ་ཉིད་ནས་ད་ལྟའི་བར་ལེ་ཚན་འདི་ལ་གསན་འཇོག་གནང་བར་ཁ་དྲོ་བཀྲ་ཤིས་ཞུ་བ་དང་ཆབས་ཅིག་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་དེ་བས་ཀྱང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།མ་གཞི་ལས་རིགས་འདི་ཁྱེད་རང་སེམས་གཏིང་ནས་དགའ་པོ་བྱེད་སའི་ལས་རིགས་དེ་མིན་ཡང་། བརྩེ་བ་དང་འགན་སེམས་ཤིག་ལ་བརྟེན་ནས་ཁྱེད་རང་གིས་ལས་གནས་འདི་བརྟན་སྲུང་བྱེད་བཞིན་ཡོད་ལ། དེ་བས་མང་བའི་མི་མང་པོ་ཞིག་ལ་ཕུགས་འདུན་དང་རེ་བའི་མཛེས་མདངས་སྟོན་བཞིན་ཡོད། དེ་རིང་ང་ཚོས་ཡི་རང་དང་དགའ་མགུའི་བསམ་པས་ལེ་ཚན་འདི་ཚེ་རིང་སྒྲོལ་དཀར་ལགས་དང་དེ་བཞིན་རང་གི་ཕུགས་འདུན་གྱི་ཆེད་དུ་ལམ་ལ་ཞུགས་བཞིན་པའི་གྲོགས་པོ་ཡོངས་ལ་འབུལ་རྒྱུ་ཡིན།

 

 

ཕུགས་འདུན་དང་རེ་བ་འཆང་ནས་ཕྱིར་བསྐྱོད།

འོས་འགན་དང་བརྩེ་བ་བསྣམས་ནས་ནང་ལ་ལོག


        གཞན་ཡང་། གལ་སྲིད་སྐུ་ཉིད་ལ་རང་ཉིད་ཀྱི་གཏམ་རྒྱུད་ཞུ་རྒྱུ་ཡོད་ན་ཐད་ཀར་འཕྲིན་སྟེགས་འདི་བརྒྱུད་ནས་ང་ཚོ་དང་འབྲེལ་བ་གནང་ཆོག  ང་ཚོས་འདི་ནས་ཁྱེད་ཀྱི་ཐུན་མིན་གྱི་བསམ་ཚུལ་དང་ངོ་མཚར་ཆེ་བའི་གཏམ་རྒྱུད་ལ་རེ་ཞིང་སྒུག་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱ་མཚོ།

ལེ་ཚན་གཙོ་སྐྱོང་བ། བདེ་གཡང་།