དྲོད་གྲང65℃བརྒལ་བའི་བཏུང་ཆུ2Aསྐྲན་འབྱུང་དངོས་པོར་བགྲངས།

        རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྡེ་ཁག་གིས་གསར་དུ་བསྒྲགས་པའི་དྲན་གསལ་ལྟར་ན། དྲོད་གྲང་65℃བརྒལ་བའི་བཏུང་ཆུ2Aརིམ་པའི་སྐྲན་འགྱུར་དངོས་རྫས་སུ་བཞག

(ཟས་ཆུ་ཟ་མ་ཚ་ཐོག་ཏུ་ཟས་ན་མིད་པའི་སྐྲན་ནད་འབྱུང་ངེས།)

        མི་མང་བོ་ཞིག་ཁོལ་མ་ཚ་དྲགས་བཏུང་རྒྱུར་དགའ་ལ།  ད་དུང་མི་མི་ཉུང་བ་ཞིག་སྐོམ་ཆུ་སྐམ་ཕྱེའི་རིགས་སྦངས་ནས་བཏུང་རྒྱུར་ལྷག་ཏུ་མོས།  དཔེར་ན། ཇ་དང་ཁོ་ཧྥེ་ལ་སོགས་པ། 


        ཉེ་ལམ།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱི་ཁོངས་གཏོགས་ལས་ཁུངས་ཏེ་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྡེ་ཁག(IARC)གིས་དྲན་གསལ་གསར་བ་བཏང་སྟེ། དྲོད་གྲང65℃བརྒལ་བའི་བཏུང་ཆུའི་རིགས་མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ་བར་གསུངས་པར་མ་ཟད། 2Aརིམ་པའི་སྐྲན་འགྱུར་དངོས་རྫས་ཀྱི་མིང་ཐོ་རུ་བཞག  2Aརིམ་པ་ནི་སྐྲན་འབྱུང་དངོས་རྫས་ཀྱི་ཆ་ཤས་སུ་གྱུར་བའི་རིམ་པར་གཏོགས་ཏེ།

རིམ་པ་དང་པོའི་སྐྲན་འབྱུང་དངོས་རྫས་ནི། 


        སྐྲན་འབྱུང་དངོས་རྫས་ཡིན་པ་ཐག་གཅོད་བྱས་ཡོད་པའི་དངོས་རྫས་ཏེ།  དཔེར་ན། ཀྲུང་གོའི་རྣམ་པའི“ཚྭ་ཉ”དང་ཅ་ཆོན།  ཧྥི་ཨེར་མ་ལིན། ཆུས་མེ་སུའུ་སེར་པོ། ཟེ་ཨེན་ཕལ་བ་ལ་སོགས་པའི་རྫས་འགྱུར་དངོས་པོ་དང་། ཐ་མག་འཐེན་པ(དེའི་ནང་ཐ་མག་མི་འཐེན་མཁན་དང་དུ་ཐལ།)ཆང་དང་འབྲེལ་བའི་བཏུང་ཆུའི་ཁྲོད་ཀྱི་ཁྲུན་ཁ་བ། ཆོན་ཁ་བ། རྡོ་སོལ་བསྲེགས་པའི་རླངས་གཟུགས། ཕྱིའི་མཁའ་རླུང་ལ་འབག་བཙོག་ཐེབས་པ་དང་ཐ་མག་མ་འདུས་པའི་པིང་ལང་རྡོག་པོ། Xའཕྲོ་ཐིག ཀ་མ་འཕྲོ་འོད། ཉི་མའི་ཚ་ཟེར། སྨུག་ཕྱིའི་འོད། ཀོ་རྡུལ། ངར་ལྕགས་བཟོ་སྐྲུན། དུ་རྡུལ། འགྱིག་བཟོ་ལས་རིགས་ལ་སོགས་པ་སྐྲན་འབྱུང་དངོས་རྫས་ཀྱི་ལས་རིགས་གྲས་སུ་བཞག་ཡོད། 

རིམ་པ་གཉིས་པའི་སྐྲན་འབྱུང་དངོས་རྫས་ནི།
        མིའི་རིགས་ལ་སྐྲན་ནད་འབྱུང་བའི་དངོས་རྫས་ཡིན་མིན་ཐག་གཅོད་མེད་པ་དང་འབྱུང་ཉེན་ཆེ་ཤོས་ཀྱི་དངོས་རྫས་ཏེ། 

2Aརིམ་པ། སྐྲན་འབྱུང་ཆེ་ཤོས་ཀྱི་དངོས་རྫས། 

        ལུའོ་མེ་སུའུ་དང་པིན་ཞི་ཞན་ཨེན།  སྣུམ་བཙོས་ཟས་རིགས། བཟོ་རྩལ་ཤེལ།  སེན་མ་འདུས་པའི་འབུ་གསོད་སྨན་རིགས་སོགས།


2Bརིམ་པ། སྐྲན་འབྱུང་ཆེ་བའི་དངོས་རྫས། 

        ཁོ་ཧྥེ་སྐྱུར་དང་ཚོད་རིགས་བསྙལ་མ། རླངས་སྣུམ། ཁིལ་ཧྥོམ། ཏི་ཏི་ཝེ། ཞ། སྦྲང་གསོད་རིལ་བུ། ག་བུར་སེར་པོ་སོགས་ལས།  ད་དུང་ཤིང་ལས་དང་སྐམ་དཀྲུ། མེ་གསོད་བཅས་ཀྱི་ལས་རིགས་སོགས་ཀྱང་སྐྲན་འབྱུང་ཆེ་བའི་ལས་རིགས་སུ་བཀར་ཡོད།

རྩོམ་ཐུང་འདིར་བལྟས་རྗེས་གཉེན་ཉེ་གྲོགས་པོར་བརྒྱུད་སྐུར་བྱས་ཏེ། ཟས་ཆུ་ཟ་མ་ཁོལ་མ་ཚ་དྲགས་པ་རྣམས་ངེས་པར་འཁྱགས་སུ་བཅུག་རྗེས་བཏུང་དགོས་པ་དྲན་སྐུལ་ནན་མོ་གཏོང་རོགས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། སྒྲོལ་མ།