ལེ་ཚན་ལ་མོས་ཚད་བརྟག་པའི་བྱེད་སྒོའི་བྱ་དགའ་ཐོབ་མཁན་གྱི་མཚན།

        གསན་གྲོགས་ཚོའི་རྒྱབ་སྐྱོར་འོག སྤྱི་ལོ་༢༠༡༨ལོའི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ལ་འདོད་བློ་ཚིམས་ཚད་བརྟག་པའི་བྱ་དགའ་ཡོད་པའི་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། སྐུ་ཉིད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད། བརྟག་དཔྱད་བྱེད་སྒོར་ཞུགས་མཁན་གྱི་གསན་གྲོགས་ཁྲོད་ནས་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་མི་༥༼  མི་རེར་བྱ་དགའི་དངུལ་སྒོར་༥༠༠༽དང་། བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་མི་༡༠༼ མི་རེར་བྱ་དགའི་དངུལ་སྒོར་༢༠༠༽ བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་མི་༡༥༼  མི་རེར་བྱ་དགའི་སྒོར་༡༠༠༽བཅས་བདམས་ཐོན་བྱུང་ཡོད།

        ང་ཚོས་འཕྲིན་ཕྲན་བརྒྱུད་བྱ་དགའ་ཐོབ་མཁན་གསན་གྲོགས་ལ་བརྡ་ཐོ་གཏོང་རྒྱུ་ཡིན་པས། སྐུ་ཉིད་ནས་འཕྲིན་ཐུང་ནང་བཏོན་པའི་རེ་བ་ལྟར་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་གནང་རོགས།

        གལ་ཆེའི་གསལ་བཤད། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱིས་བྱ་དགའ་ཐོབ་མཁན་ནས་བྱ་དགའི་འགྲོ་ལུགས་གཉེར་རྒྱུའི་འགྲོ་གྲོན་སོགས་དངུལ་སྐར་གཅིག་ཀྱང་བསྡུ་ལེན་བྱེད་མི་སྲིད་པས་དེ་དོན་དགོངས་འཇགས་འཚལ།

        སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུའོ།

        ཁྱེད་ཀྱིས་“阅读原文”ཞེས་པའི་རྒྱ་ཡིག་མནན་ནས་བྱ་དགའ་ཐོབ་མཁན་མིར་ཐོར་གཟིགས་ན་ཆོག་ལ། ཀྲུང་གོའི་རླུང་འཕྲིན་དྲ་བ་བརྒྱུད་ཞིབ་བཤེར་ར་སྤྲོད་བྱས་ནའང་ཆོག 

སྤྱི་ལོ་༢༠༡༨ལོའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོའི་སྦྲེལ་མཐུད་དྲ་ཚིགས༼ལག་ཐོག་ཁ་པར་འཕྲིན་ཕྲན༽http://m.cnr.cn/2018myd/

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙིན་འཕྲིན་སྤྱི་ཁྱབ་ལས་ཁུངས།