ང་ཚོ་མཉམ་དུ་སོང་མྱོང་།ཀྲུང་གོའི་ལྕགས་ལམ་གྱི་ལོ་ངོ40ཡི་འགྱུར་ལྡོག

  བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་40ཡི་རིང་།ང་ཚོའི་འགྲོ་སྐྱོད་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ལྟར་ཀྲུང་གོར་རྒྱ་མཚོ་དང་། སྐམ་ས། ནམ་མཁའ་བཅས་ཀྱི་འགྲིམ་འགྲུལ་དྲ་བ་རྒྱ་ཆེན་པོ་ཡོད་ལ། སྟབས་བདེ་ཞིང་མགྱོགས་མྱུར་དང་ལྡན་པའི་འགྲིམ་འགྲུལ་གྱིས་མི་རྣམས་ཀྱི་འཚོ་བའི་གོམ་སྟབས་ཇེ་མགྱོགས་སུ་གྱུར་ཞིང་། ང་ཚོ་ཀྲུང་གོའི་མགྱོགས་ཚད་ཀྱིས་མཛེས་སྡུག་ལྡན་པའི་མ་འོངས་པར་བསྐྱོད་དང་།

 

 རང་རྒྱལ་གྱི་ལྕགས་ལམ་གྱིས་རླངས་སྒུལ་མེ་འཁོར་ནས་ནང་འབར་མེ་འཁོར་དང་གློག་ཤུགས་མེ་འཁོར། དེ་ཡང་མྱུར་ཚད་དལ་མོ་ནས་མགྱོགས་པོ། དམིགས་བསལ་མྱུར་བགྲོད་མེ་འཁོར་ནས་སྒུལ་ཤུགས་མེ་འཁོར་དང་ད་ལྟའི་མྱུར་བགྲོད་ལྕགས་ལམ་བཅས་བརྒྱུད་ཅིང་། ལྕགས་ལམ་འཕེལ་རྒྱས་ཀྱིས་དུས་ཚོད་རིང་བོ་བརྒྱུད་པ་དང་། དེས་ཀྲུང་གོའི་མྱུར་ཚད་མཚོན་ཡོད།

 

ལག་འཁྱེར་ལྔ་ཡོད་པའི་མེ་འཁོར་ཁ་ལོ་བ།

 

  སུན་ཞི་ལིན་ནི་ད་ལོ་ལོ་ན་48ཡིན་ཞིང་། ཁོང་ནི་ཀྲུང་གོའི་ལྕགས་ལམ་ཞི་ཨན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ཞི་ཨན་ལམ་མཚམས་ཀྱི་མེ་འཁོར་ཁ་ལོ་བ་ཞིག་ཡིན་པ་དང་། ཁོང་ཁ་ལོ་བ་བྱས་ནས་ལོ་ངོ་29འགོར་ལ། ཁོང་གིས་མེ་འཁོར་ཁ་ལོ་བའི་ཐོབ་ཐང་ལག་འཁྱེར་གྱི་རྒྱུགས་ཐེངས་5ལ་སྤྲད་མྱོང་། དེ་དག་སོ་སོ་ནི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་60ཅན་གྱི་རླངས་སྒུལ་མེ་འཁོར་དང་། མྱུར་ཚད་90ཅན་གྱི་ནང་འབར་མེ་འཁོར། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་150ཅན་གྱི་གློག་སྒུལ་མེ་འཁོར། མྱུར་ཚད་སྤྱི་ལེ་250ཅན་གྱི་སྒུལ་ཤུགས་མེ་འཁོར་དང་མྱུར་ཚད་མཐོ་ཤོས་སྤྱི་ལེ་350ཅན་གྱི་མྱུར་བགྲོད་ལྕགས་ལམ་མེ་འཁོར་བཅས་ཡིན།

  བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་། ཀྲུང་གོའི་ལྕགས་ལམ་འཕེལ་རྒྱས་འགྲོ་ཚད་ནི་མགྱོགས་ཤོས་ཡིན་ཞིང་། དང་ཐོག་གི་རླངས་སྒུལ་ནས་གློག་ཤུགས། ནང་འབར་ནས་སྒུལ་ཤུགས་མེ་འཁོར་སོགས་གོམ་སྟབས་གཅིག་ལས་གཅིག་མགྱོགས་པ་དང་། མེ་འཁོར་ཁ་ལོ་བ་ཡང་ལུས་ཤུགས་ངལ་རྩོལ་བནས་ཀླད་པའི་ངལ་རྩོལ་བར་གྱུར་ཞིང་།  ལས་ཀའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་བཅས་འགྱུར་བ་ཆེན་པོ་བྱུང་། ང་རང་ཀྲུང་གོའི་ལྕགས་ལམ་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཐུབ་པ་རང་གི་གཟི་བརྗིད་དུ་བརྩིས་ཡོད།

  ཞི་ཨན་མེ་འཁོར་ལས་སྒྲུབ་ཁང་དུ་ལས་ཀ་བྱེད་པའི་ལོ་29ཡི་རིང་། སུན་ཞི་ལིན་གྱིས་རིགས་མི་འདྲ་བའི་མེ་འཁོར་བསྐོར་མྱོང་ཞིང་། རྒྱལ་ཡོངས་ལྕགས་ལམ་ལམ་ཐིག་ཕལ་ཆེ་བར་རྒྱུས་མངའ་ཡོད་པ་དང་། དངོས་སུ་ཀྲུང་གོའི་ལྕགས་ལམ་གྱི་བསྒྱུར་བཅོས་དང་གོང་འཕེལ་གྱི་དུས་རིམ་བརྒྱུད་མྱོང་།

 

 ཀྲུང་གོའི་ལྕགས་ལམ་གྱི་འཕོ་འགྱུར་རེ་རེས་ངའི་བསམ་བློ་དང་བྱ་སྤྱོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ངས་མེ་འཁོར་བསྐོར་ནས་རྒྱུག་བཞིན་ཡོད་ལ། ལྕགས་ལམ་གྱིས་ཀྱང་ངའི་བསམ་བློའི་ཆུ་ཚད་ཇེ་མཐོར་གཏོང་བཞིན་ཡོད།

 

སུན་ཞི་ལིན་ན་རེ།

 

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40ཡི་རིང་། ཀྲུང་གོའི་ལྕགས་ལམ་དེ“ལམ་ཐིག”ནས“དྲ་བ་”དང་། མེ་འཁོར་གྱི་མྱུར་ཚད་ཀྱང་དལ་མོ་ནས་མགྱོགས་པོར་གྱུར་བ་དང་། མེ་འཁོར་ཁ་ལོ་བ་རྡོ་སོལ་དང་སྣུམ་གྱིས་སྦགས་པའི་གྱོན་གོས་གྱོན་མཁན་གྱི་“མི་ནག་རིལ་”ནས་གཙང་སྦྲ་དོད་པའི་ལྕགས་ལམ་ལས་ཀ་བ་ཞིག་ཏུ་གྱུར་ཞིང་། འགྲུལ་པ་རྣམས་འདུག་ས་ནི་མྱུར་ཚད་དང་སྐྱིད་ཚད་ཀྱིས་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་སྐྲུན་བཞིན་པའི་མེ་འཁོར་ཙམ་མ་ཡིན་པར། དེ་བས་ཀྱང་བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་རབས་ཀྱི་མེ་འཁོར་ཡིན།

 

ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པའི་ཀྲུང་གོའི་ལྕགས་ལམ།


ཐག་ཇེ་ཉེར་འགྲོ་བཞིན་པའི་ཀྲུང་གོའི་གྲོང་ཁྱེར།

 2018ལོའི་ཟླ་9པའི་ཚེས་23ཉིན། ཀོང་ཀྲོའུ་དང་ཧྲེན་ཀྲེན།ཞང་ཀང་བཅས་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཞང་ཀང་དུམ་བུ་ཤར་གཏོང་བྱས་ཤིང་། དེ་རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་འཕྲེད་གཞུང་བཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཞང་ཀང་དང་ནང་སའི་གྲོང་ཁྱེར་44བར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་པ་དང་། ཞང་ཀང་གིས་མེས་རྒྱལ་དང་མཉམ་དུ་བསྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་རླབས་པོ་ཆེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཞིང་། མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་བསུས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

ཡིག་སྒྱུར། སྒྲོལ་མ།