བཤས་རའི་ནང་གི་བ་གླང་མིག་ཆུ་ཤོར།

བ་གླང་གསོན་པོའི་ལུས་ནང་ཆུ་རྒྱ་མ་༡༢༠བླུགས་པས།

བ་གླང་མིག་ཆུ་ཤོར་ཞིང་ལུས་པོ་མ་ཐེག་པར་ལང་རྩིས་བྱས་ཀྱང་ལང་མ་ཐུབ་པར་ལུས།

ཡིན་ནའང་། སྦྱིན་བདག་གིས་བ་གླང་ལ་སྡུག་བསྔལ་མེད་ཅེས་བཤད།

   ཉེ་ཆར། ཨན་ཧུའི་ཆོན་ཅོ་དང་ལའེ་ཨན་རྫོང་གཉིས་ཀྱི་བཤས་རའི་ནང་ནས། དགོང་མོའི་དུས་སུ་རྟག་པར་བ་གླང་གི་ཉམ་ཐག་པའི་སྐད་གྲགས་ཡོང་བ་དང་། དེ་ནི་བཤས་ཁང་གིས་ཁེ་སྤོགས་མང་ཙམ་ལེན་ཆེད་དུ། འགྱིག་བཟོས་ཆུ་སྦུག་བ་གླང་གསོན་པོའི་སྣ་ཁུང་བརྒྱུད་ནས་ཕོ་བའི་ནང་འདྲེན་པ་དང་། བ་གླང་མ་བཤས་གོང་གི་ཆུ་ཚོད་༡༢ཙམ་གྱི་སྔོན་ལ་ཐེངས་ཁ་ཤས་ལ་བགོས་ནས་ཆུ་རྒྱ་མ་༡༢༠ཙམ་བླུག་བཞིན་ཡོད་པ་དང་། དེ་ལས་བ་གླང་གཅིག་གི་ཕོ་བར་ཆུ་ལྡུག་ཚད་མང་དྲགས་པས། བ་གླང་ན་ཟུག་དང་སྡུག་བསྔལ་མ་བཟོད་པར་མིག་ལས་མཆི་མ་ཤོར།  ལས་བཟོ་བས་དེ་ནི་སེམས་ཀྱིས་མི་བཟོད་པ་ཞིག་ཡིན་ཚུལ་བརྗོད་ནའང་སྦྱིན་བདག་གིས་དེ་ནི་འོས་ཤིང་འཚམ་པ་ཞིག་ཏུ་འདོད་དེ་དེར་སྡུག་བསྔལ་ཆེན་པོ་མེད་ཅེས་བཤད་ཡོད་པ་རེད།

དྲ་གྲོགས་མང་པོས་དྲ་ལམ་དུ་བྱ་སྤྱོད་དེ་ཧ་ཅང་གདུག་རྩུབ་ཆེ་ཞིང་། སེམས་ཀྱིས་བཟོད་ཐབས་མི་འདུག་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།