ཚབས་ཆེའི་ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་བོད་རིགས་སྤྱི་གཉེར་བ་ཞིག

   ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིའི་ཆུའི་མཁོ་འདོན་སྒྲིག་སྦྱོར་ཡན་ལག་ཀུང་སིའི་སྤྱི་གཉེར་བ་གཞོན་པ་བློ་བཟང་ཚེ་རིང་ལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

ལོ་རྒྱུས་མདོར་བསྡུས།

བློ་བཟང་ཚེ་རིང་ནི་ལྷ་སའི་མི་ཡིན་ཞིང་། ༡༩༦༨ལོའི་ཟླ་༡༡ཚེས་༩ཉིན་སྐྱེས་པ་དང་སློབ་ཆུང་གི་ཆུ་ཚད་ཅན་དང་།  ༡༩༨༨ལོའི་ཟླ་༡༢པར་ལས་ཀར་ཞུགས་ལ། ༡༩༨༨ལོའི་ཟླ་༡༢ནས་༡༩༩༧ལོའི་བར་ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིར་ལས་ཀ་བྱས། ༡༩༩༧ལོ་ནས་ད་བར་ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིའི་ཆུའི་མཁོ་འདོན་སྒྲིག་སྦྱོར་ཡན་ལག་ཀུང་སིར་ལས་ཀ་བྱས། ༢༠༡༥ལོའི་ཟླ་༡ནས་བཟུང་ཡན་ལག་ཀུང་སི་དེའི་སྤྱི་གཉེར་བ་གཞོན་པའི་འགན་ཁུར་བ་རེད།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།

རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།