ཨ་རིས་སི་རི་ཡའི་བྱང་ཕྱོགས་སུ་སོ་ལྟ་ཁང་འཛུགས་རྒྱུ་ཡིན་པ།

རྒྱུ་ཆའི་འདྲ་པར།

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༡ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ལྗེམ་སི་མ་ཏི་སིས། ཨ་རིའི་དམག་གིས་ཐུར་ཁེ་དང་འདབས་འབྲེལ་བའི་སི་རི་ཡའི་བྱང་ཕྱོགས་ཀྱི་མཐའ་མཚམས་སུ་སོ་ལྟ་ཁང་འཛུགས་རྒྱུ་ཡིན་ལ། བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཐུར་ཁེ་དང་འཇིགས་སྐུལ་ལ་ངོ་རྒོལ་གྱི་གསང་འཕྲིན་མཉམ་སྤྱོད་བྱས་ཏེ། ཐལ་དྲགས་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་འཇིགས་སྐུལ་པར་རྒོལ་རྡུང་བྱེད་རོགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  མ་ཏི་སིས་རྒྱལ་སྲུང་ཐོག་ཁང་དུ་གསར་འགོད་པར། ཨ་རིའི་ཕྱོགས་ཀྱིས་ཐུར་ཁེ་དང་གྲོས་བསྡུར་བྱས་ཏེ་གོང་གསལ་ལྟར་ཐག་གཅོད་བྱས་པ་ཡིན་ལ། ཨ་རིའི་དམག་གིས་སི་རི་ཡའི་བྱང་ཕྱོགས་མཐའ་མཚམས་དུ་སོ་ལྟ་ཁང་མང་པོ་བཙུགས་ཏེ། དུས་ཐོག་ཏུ་མྱུལ་ཞིབ་བྱས་པའི་གནས་ཚུལ་ཨ་རིའི་ཕྱོགས་ལ་ཡར་ཞུ་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག དབང་འདུས།

ཡིག་སྒྱུར། ཚེ་བརྟན་རྡོ་རྗེ།