ང་ཚོ་མཉམ་དུ་སོང་མྱོང་། བཅོས་བསྒྱུར་སྒོ་འབྱེད་དང་ཝུའུ་ཧྲུའུ་ཆིན།

ང་ཚོ་མཉམ་དུ་སོང་མྱོང་། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་ཝུའུ་ཧྲུའུ་ཆིན་གྱི་མི་ཚེ།

ཝུའུ་ཧྲུའུ་ཆིན།


   པེ་ཅིང་མཁའ་འགྲུལ་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་འཛུགས་མཁན་དང་དེའི་མཚན་འཛིན་སྤྱི་གཉེར། འཛམ་གླིང་ཚོང་དོན་མཐུན་ཚོགས་ཀྱི་ཚེ་གང་མཚན་འཛིན་ལས་འཛིན་པ།


   ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ནང་ཞུགས་མཁན་དང་བདེན་དཔང་བ། “སྲས་མོ་001རྟགས་ཅན་”ཏེ་ཝུའུ་ཧྲུའུ་ཆིན་ནི་1978ལོ་ནས་ད་བར་དུ་ཤང་ཀང་དང་ནང་སའི་བར་ཕར་འགྲོ་ཚུར་འོང་གྲངས་མེད་བྱས། སྐྲ་ལོ་དཀར་པོར་གྱུར་ཡང་རང་ཉིད་ཀྱི་གོམ་སྟབས་ཇེ་དལ་དུ་བཏང་མ་མྱོང་། ད་ལྟ་“སྲས་མོ་001རྟགས་ཅན་”གྱིས་རང་ཉིད་ཀྱི་ཐོབ་ཐང་ལ་ལྟ་སྟངས་ཅི་འདྲ་འཛིན་པ་དང་། བཅོས་བསྒྱུར་སྒོ་འབྱེད་ལ་གོ་བ་ཇི་ལྟར་ལེན་གྱི་ཡོད་དམ།

 


འགྲུལ་བཞུད་བྱེད་ལམ།—ཤང་ཀང་ནས་ཁྲིན་ཏུའུ།

མིང་ཐོབ།—རང་གི་རྩ་བ་འཚོལ་མཁན་གྱི་འཁྱམ་པོ།


   1978ལོའི་ཟླ་12ཚེས་10ཉིན་ཨ་རི་ནས་སློབ་མཐར་ཕྱིན་ནས་ཕྱིར་ལོག་པའི་ཝུའུ་ཧྲུའུ་ཆིན་དང་ཤང་ཀང་གི་ཚོང་པ་བཅུ་གཅིག་གིས་ཐེངས་དང་པོར་ཁྲིན་ཏུའུ་རུ་རྟོག་ཞིབ་བྱས། ཉིན་བཅུ་ཕྲག་ལྷག་གི་རྟོག་ཞིབ་ཡུལ་སྐོར་ཁྲོད་ཝུའུ་ཧྲུའུ་ཆིན་གྱིས་འཁྱམ་པོ་ཞིག་དང་འདྲ་བའི་རང་གིས་མཐར་ཐུག་རང་ཉིད་ཀྱི་ཐོབ་ཐང་དང་ཀྲུང་གོ་བ་ཞིག་ཡིན་པའི་མྱོང་ཚོར་རྙེད་སོང་ཞེས་གསུངས།

1978ལོའི་ཟླ་12ཚེས་10ཉིན་ཝུའུ་ཧྲུའུ་ཆིན་དང་ཤང་ཀང་གི་ཚོང་པ་བཅུ་གཅིག་གིས་ཁྲིན་ཏུའུ་རུ་རྟོག་ཞིབ་བྱེད་དུ་སླེབས།

 


འགྲུལ་བཞུད་བྱེད་ལམ།—ཤང་ཀང་ནས་པེ་ཅིན།

མིང་ཐོབ།—བཅོས་བསྒྱུར་སྒོ་འབྱེད་དུ་ཞུགས་པའི་ཤང་ཀང་ཚོང་པའི་སྣེ་ཁྲིད་པ།


   1979 ལོར་ཏེང་ཞའོ་ཕིན་ཨ་རིར་འཚམས་འདྲིར་ཕེབས་རྗེས། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་ཨ་རིའི་བར་གྱི་ཐད་འཕུར་གནམ་གྲུ་གཏོང་རྒྱུ་གཏན་འཁེལ་བྱས་པ་དང་། འོན་ཏེ་གནམ་གྲུའི་ཐོག་གི་བཟའ་བཏུང་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཐག་ཆོད་མེད། 1979 ལོའི་ཟླ་6 པར་ལོ་31ལ་སླེབས་པའི་ཝུའུ་ཧྲུའུ་ཆིན་དང་མོའི་ཨ་ཕ་གཉིས་བྱང་ཕྱོགས་སུ་གྲོས་མོལ་བྱེད་པའི་ལམ་དུ་ཆས་པ་དང་། ལོ་ཕྱེད་ནང་ཐེངས་གསུམ་གྱི་གྲོས་མོལ་བྱས་པ་བརྒྱུད་ཝུའུ་ཚང་གིས་གན་རྒྱ་དང་ལས་བཅོལ་ཡི་གེ་སོགས་སྔོན་འགྲོའི་ཆ་རྐྱེན་མེད་པའི་འོག་ཤང་ཀང་སྒོར་ས་ཡ་500 ཡིས་སྒྲིག་ཆས་ཉོས་ཏེ་ཕྱི་རྒྱལ་ནས་པེ་ཅིན་བར་བསྐྱལ།

1979ལོར་སྐབས་དེར་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་སྡེ་ཁག་གི་འགོ་འཛིན་ཀྲང་ཧྲེན་ཐུའུ(གཡོན)ཡིས་ཝུའུ་ཧྲུའུ་ཆིན་(གཡས)དང་ཁོང་གི་ཨ་ཕ(དཀྱིལ)ལ་གཞུང་ཕྱོགས་ཀྱི་ལེན་སྒུག་ཞོར་སྔོན་ལ་མ་དངུལ་གྲ་སྒྲིག་བྱོས་ཞེས་གསུངས།


   1980ལོའི་ཟླ་5ཚེས་1ཉིན་པེ་ཅིང་མཁའ་འགྲུལ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དངོས་སུ་བཙུགས་ཤིང་། ཝུའུ་ཧྲུའུ་ཆིན་ཕ་བུ་གཉིས་ཀྱིས་བྱང་ཕྱོགས་སུ་ལས་གཏོད་བྱེད་འགོ་ཚུགས་པ་དང་བསྟུན་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་འབོར་ཆེན་ནང་འདྲེན་བྱེད་འགོ་ཚུགས་ཤིང་། ཝུའུ་ཧྲུའུ་ཆིན་ལ“སྲས་མོ་001རྟགས་ཅན་”ཞེས་འབོད།

པེ་ཅིང་མཁའ་འགྲུལ་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་ཁག་དང་པོའི་ཟས་རིགས་སྡེབ་སྒྲིགཐོག་ཁང་།

 


འགྲུལ་བཞུད་བྱེད་ལམ།—ཤང་ཀང་དང་ནང་ས། འཛམ་གླིང་གི་ས་ཆ་སོ་སོ།

མིང་ཐོབ།—ཀྲུང་གོ་དང་ཕྱི་རྒྱལ་གྱི་“ཁྱད་འཕགས་འབྲེལ་བ་འཛུགས་མཁན།”

 

   ཝུའུ་ཧྲུའུ་ཆིན་གྱིས་མོ་རང་ནི་ཤང་ཀང་གི“ཁྱད་འཕགས་འབྲེལ་འཛུགས་མི་སྣ”ཡིན་པར་འཐད་པ་བྱུང་། མོ་རང་ཉིད་འཛམ་གླིང་ཚོང་དོན་མཐུན་ཚོགས(WTCA)ཀྱི་ཚེ་གང་གི་མཚན་འཛིན་པ་ཞིག་ཡིན་པས་ཁོང་གིས་ནང་ས་དང་ཤང་ཀང་གཉིས་སུ་ཚོང་ལས་དང་། སློབ་གསོ། དགེ་སྒྲུབ་བཅས་འཛུགས་གཉེར་བྱ་རྒྱུར་ཤུགས་བརྒྱབ་ཡོད། ཁོ་མོ་མེས་རྒྱལ་གྱི་འབྲི་ཆུའི་ལྷོ་བྱང་གང་སར་བསྐྱོད་དེ་རྒྱལ་ཕྱིའི་ཚོགས་པ་བརྒྱ་ལྷག་སྒྲིག་འཛུགས་བྱས་ནས་ནང་ལོགས་ས་ཁུལ་དུ་རྟོག་ཞིབ་བྱས་ཏེ། ནང་སའི་དཔལ་འབྱོར་དང་རིག་གནས་འཛུགས་སྐྲུན་ལ་རོགས་འདེགས་བྱས།

   བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་40ཕྱིན་རིང་། ཀྲུང་གོའི་སྒོ་འབྱེད་མུ་མཐུད་དུ་ཇེ་ཆེར་ཕྱིན་པ་དང་ཝུའུ་ཧྲུའུ་ཆིན་གྱི་ཞབས་རྗེས་ཀྱང་རྒྱང་ཐག་ཇེ་རིང་དུ་ཕྱིན། ཁོ་མོས་ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་རྣམས་དང་ལྷན་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་འབོད་སྐུལ་དང་ལེན་བྱས་ནས། མུ་མཐུད་དུ་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་རྒྱས་ཀྱི་གཏམ་རྒྱུད་བྲིས་ཤིང་། ཀྲུང་གོས་མུ་མཐུད་དུ་རྒྱལ་ཁབ་ཆེན་པོའི་འགན་འཁུར་ཞིང་འཛམ་གླིང་དང་མཉམ་དུ་མདུན་སྐྱོད་བྱེད་ཀྱི་ཡོད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

ཡིག་སྒྱུར། སྒྲོལ་མ།