བོད་ལྗོངས་དབུས་རྒྱུད་ཀྱི་གློག་ཤུགས་སྦྲེལ་མཐུད་ལས་གྲྭ་མཇུག་འགྲིལ།


   ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་དང་ས་བབ་སྒྲོལ་ཆེ་ཤོས་ཀྱི་ཚད་བརྒལ་མཐོ་གནོན་གློག་གི་ལས་གྲྭ་སྟེ། བོད་ལྗོངས་དབུས་རྒྱུད་གློག་ཤུགས་སྦྲེལ་མཐུད་ལས་གྲྭ་དེ་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། ལས་གྲྭའི་འགོ་འཛུགས་ས་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་ཡོད་པ་དང་། མཇུག་བསྡུ་ས་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་ཡིན་ཞིང་། དེས་བོད་ལྗོངས་དབུས་རྒྱུད་གློག་གི་དྲ་བ་དང་རང་རྒྱལ་གྱི་སྤེལ་རྒྱུག་གློག་ཤུགས་དྲ་བ་སྦྲེལ་མཐུད་ཐུབ་རྒྱུ་དང་། བོད་ལྗོངས་ཀྱི་མི་འབོར་ཕྱེད་ཀ་ལྷག་གི་གློག་བེད་སྤྱོད་ཀྱི་སྤུས་ཚད་ལེགས་བཅོས་ཐུབ་རྒྱུའི་རེ་བ་ཡོད་པ་རེད།



ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།