ཉེ་ཆར་སྐད་འཕྲིན་དུ་མགོ་སྐོར་གཏོང་སྟངས་འདི་འདྲ་ཞིག་ཡོད་པས་གཟབ་རོཊ

 

        ཉེ་ཆར། མཁྱེན་ལྡན་མ་ཀྲའོ་ལགས་ལ་རང་གི་ཕས་ང་ད་ལྟ་ཕྱིར་ཚལ་ཉོ་བར་ཡོད། དངུལ་འཁྱེར་རྒྱུ་བརྗེད་འདུག བུ་མོ་རང་གིས་ངར་སྒོར་200བསྐུར་རོགས་ཞེས་པའི་སྐད་འཕྲིན་ཞིག་འབྱོར་མ་ཐག ཁོ་མོས་ཕ་ལགས་ཁྱེད་རང་ཡིན་ནམ་ཞེས་དྲིས་པར།ཕ་རོལ་གྱིས་ང་ཡིན་ཞེས་ལན་བཏབ།  

        ཁོ་མོས་རང་གི་ཕའི་སྐད་ངོ་ཆོད་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྒོར་200བསྐུར། བསམ་ཡུལ་ལས་འདས་པ་ཞིག་ལ། གཞན་གྱི་མགོ་སྐོར་འོག་ཏུ་ཚུད་ཡོད། བརྟག་དཔྱད་བྱས་པར་གཞིགས་ན། མཁྱེན་ལྡན་མ་ཀྲའོ་ལགས་ཀྱི་ཕའི་སྐད་འཕྲིན་ཨང་གྲངས་གཞན་གྱིས་བརྐུས་ཟིན་ཞིང་། ང་ཡིན་ཞེས་པའི་ཕའི་སྐད་དེ་ནི་སྔ་ས་ནས་ཕབ་ཟིན་ཡོད།

        ད་འོ་ན། གནས་ཚུལ་དེ་རིགས་མི་ཐོན་པའི་ཆེད་དུ་ང་ཚོས་སྔོན་འགོག་གང་འདྲ་བྱེད་དགོས་སམ། 

        སྐད་འཕྲིན་ནང་གི་སྐད་ཆ་མི་གཞན་གྱིས་གང་འདྲ་བྱས་ནས་བརྐུས་པ་རེད་དམ། 

        1.ཁ་པར་སྤྱོད་མཁན་གྱིས“འདྲ་བཟོས་སྐད་འཕྲིན”སྤྱད་པས། ཁ་པར་ལ་དུག་ཕོག་པར་བརྟེན། འབྲེལ་ཡོད་ཆ་འཕྲིན་མི་གཞན་གྱིས་རྐུ་སླ་རུ་འགྲོ་ཡི་ཡོད། 

        2.ཁ་པར་སྤྱོད་མཁན་གྱིས་ཐབས་གཞན་བརྒྱུད། སྐད་འཕྲིན་གྱི་སྒྲ་ཕབ་འཇུག་དང་ཡང་ན་འབྲེལ་ཡོད་ཆ་འཕྲིན་ཉར་མྱོང་བ་དེ་མི་ངན་གྱིས་སྤྱད་པ་མ་ཟད། སྐད་ངོ་འདྲ་བཟོས་མཉེན་ཆས་སྤྱད་ནས། ཉེ་འཁོར་གྱི་དགའ་ཉེ་སྤུན་མཆེད་ལ་མི་དེ་རང་གི་སྐད་རྫུན་མ་བཟོས་པ་དང་ཆབས་ཅིག་བསྐུར་ནས་མགོ་སྐོར་གཏོང་གི་ཡོད།

        3.སྨྱན་སྦྱོར་ཚན་པ་ཁག་གཅིག་གིས་བཏང་བའི་གྱོད་དཔེར་གཞིགས་ན། ཞིབ་བསྡུར་བྱས་པ་བརྒྱུད། མགོ་སྐོར་གཏོང་མཁན་གྱིས་བསྐུར་བའི་སྐད་དང་སྒྲ་ནི་མི་དེ་རང་གི་སྐད་ངོ་འདྲ་པོ་བཟོས་པ་ཞིག་མིན་པར། ཕ་རོལ་གྱི་དོགས་ཟོན་ཆུང་དུ་གཏོང་ཆེད། རྐང་བཙུགས་ནས་འཛེར་སྒྲ་ལྡན་པའི་ཁོར་ཡུག་གི་རྣམ་པ་ཞིག་བསྐྲུན་ནས་གཞན་གྱི་ཡིད་ཆེས་ཐོབ་པ་བྱེད་ཀྱི་ཡོད། 

        སྐད་འཕྲིན་ནང་སྐད་ངོ་འདྲ་བཟོ་མི་ཡོང་བ་བྱེད་དགོས་ན་ཐབས་གང་ཞིག་སྤྱོད་དགོས། 

        1.གཞུང་ཕྱོགས་མིན་པའི་སྐད་འཕྲིན་དང་དུད་སྣེ་སོགས་གང་བྱུང་དུ་བེད་སྤྱོད་བྱ་མི་རུང་། 

        2.དྲ་ཚིགས་སམ་ཡང་ན་འཕྲིན་སྟེགས་གཞན་ལ་སྐད་དམ་ཡང་ན་སྒྲ་བསྐུར་མི་རུང་། 

        རྒྱུན་དུ་ནས་གཡོ་ཇུས་དེ་འདྲའི་འོག་མི་ཚུད་པ་ཇི་ལྟར་བྱེད་དགོས་སམ།

 

        རང་གི་སྐད་འཕྲིན་གྱི་ཨང་གྲངས་སོགས་ལ་བདག་པོ་ཡག་པོ་རྒྱག་དགོས། 

        1.མི་གཞན་གྱིས་ཁྱེད་ཀྱི་སྐད་འཕྲིན་ཨང་གྲངས་དང་། གསང་བའི་ཨང་གྲངས། འཕྲིན་ཐུང་གི་ཞིབ་དཔྱད་ཨང་ཀི་སོགས་བསྐུར་རྒྱུའི་རེ་བ་གང་བཏོན་ཀྱང་གཏན་ནས་བསྐུར་མི་རུང་། གལ་ཏེ་བསྐུར་ཚེ་ཁྱེད་ཀྱི་སྐད་འཕྲིན་ཨང་གྲངས་བརླག་པའི་ཉེན་ཁ་ཆེ། 

        2.ཁྱེད་རང་གི་སྐད་འཕྲིན་ཨང་གྲངས་གཞན་གྱིས་བརྐུས་ནས་སྤྱོད་ཀྱིན་ཡོད་པ་ཤེས་ཚེ། དེ་མུར་ཁ་པར་ནང་གི་སྐད་འཕྲིན་བདེ་འཇགས་ལྟེ་གནས་སམ་PCགློག་ཀླད་བརྒྱུད་སྐད་འཕྲིན་ལྟེ་གནས་དྲ་ཚིགས(weixin110.qq.com)ཁ་ཕྱེ་སྟེ་རང་གི་ཨང་གྲངས་གཞན་གྱིས་སྤྱོད་མི་ཆོག་པ་བཟོ་དགོས། 

        སྐད་འཕྲིན་ཨང་གྲངས་གཞན་གྱིས་མི་རྐུ་བའི་ཆེད་དུ་སྔོན་ནས་ཡིད་གཟབ་གང་བྱེད་དགོས་སམ།  

        1.དྲ་གྲོགས་ཀྱིས་དངུལ་གཡར་བའམ་ཡང་ན་མ་དངུལ་བསྐུར་དགོས་པ་སོགས་ཀྱི་གནས་ཚུལ་འཕྲད་སྐབས། རབ་བྱུང་ན། ཁ་པར་རྒྱག་པའམ་ཡང་ན་བརྙན་ལམ་བརྒྱུད་སྐད་ཆ་ཤོད་རེས་སོགས་བྱས་ཏེ་ཏན་ཏན་ཏིག་ཏིག་བྱེད་དགོས། གལ་ཏེ་ཕ་རོལ་གྱི་སྐད་ཆ་གསལ་པོ་མ་གོ་ན་ངེས་པར་དུ་གསལ་པོ་བཟོ་དགོས་པ་ལས། ལམ་སེང་བསྐུར་མི་རུང་། 

        2.གྲོགས་པོ་དེ་རང་ཡིན་མིན་གཏན་འཁེལ་གསལ་པོ་མི་ཐུབ་པའི་འོག་དངུལ་བསྐུར་སྐབས། དངུལ་འབྱོར་དུས་ཚོད་ཆུ་ཚོད་2ནར་འགྱངས་བྱེད་པའམ་ཡང་ན་ཆུ་ཚོད་24ཡི་རྗེས་ལ་འབྱོར་བ་བཟོས་ནས། ཕ་རོལ་ཡིན་མིན་དབྱེ་འབྱེད་གསལ་པོ་བྱེད་པའི་དུས་ཚོད་འདང་ངེས་ཞིག་དགོས།

 

        3.གྲོགས་པོའི་སྐད་འཕྲིན་ཨང་གྲངས་གཞན་གྱིས་བརྐུས་པ་ཧ་གོ་ན། གྲོགས་པོར་དྲན་སྐུལ་བྱེད་དགོས་ལ། གནས་ཚུལ་བརྒྱུད་བསྐུར་མང་ཙམ་བྱས་ནས་ཚང་མས་ཤེས་པ་བྱས་ཏེ་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།

        ཤེས་རྟོགས་བྱུང་བར་གཞིགས་ན། ཐེང་ཞུན་སྐད་འཕྲིན་ཚོགས་པས་ཀྱང་གཞུང་ཕྱོགས་མིན་པའི་སྐད་འཕྲིན་དུད་སྣེ་དང་། འདྲ་བཟོས་མཉེན་ཆས། ཕུང་གསུམ་པའི་དུད་སྣེ་བཅས་ཀྱི་སྐད་འཕྲིན་སྒྲིག་འགལ་རིགས་ལ་རྡུང་རྡེག་བསྟུད་མར་གཏོང་བ་མ་ཟད། ཁྲིམས་འཛིན་ལས་ཁུངས་དང་མཉམ་དུ་དེའི་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་གི་ཡོད།


ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།